嘻哈热门音乐交流组

到底什么是苦行僧 他们有哪些不为人知的秘密?

阳光西藏2018-10-10 14:46:32
  ཉིན་འགའི་སྔོན་དུ་དྲ་ལམ་ནས་རྒྱ་གར་གྱི་དཀའ་ཐུབ་པ་དག་གི་བརྙན་པར་མང་པོ་ཞིག་མཐོང་བྱུང་། བརྙན་པར་དེ་དག་གིས་བདག་གི་སེམས་པ་ཅིག་ཅར་དུ་འཕྲོག་སོང་།  དེ་བས་བདག་གིས་འབྲེལ་ཡོད་ཀྱི་རྒྱུ་ཆ་སྣ་ཚོགས་བཙལ་ནས་འདིའི་སྐོར་ལ་སློབ་སྦྱོང་དང་ཞིབ་འཇུག་ཅུང་ཙམ་བྱས་ཡོད་པས། དེ་རིང་ཁོ་བོས་རྒྱ་གར་གྱི་དཀའ་ཐུབ་པ་དག་ངོ་སྤྲོད་ཅུང་ཙམ་བྱ་འདོད། སྐུ་ཉིད་ཀྱིས་བདག་དང་མཉམ་དུ་ངོ་མཚར་དང་ལྐོར་གྱུར་གྱིས་ཁེངས་པའི་ཚོགས་པ་འདི་ལ་རྒྱུས་ལོན་བྱེད་པར་མཁྱེན།
  不久前,小编在无意中看到了一本记载着苦行僧的书,对这一群体产生了强烈的好奇心和兴趣。因此,我开始查阅各种资料,虽然看到了很多不同的解释,但有了一个基本的了解,今天想跟大家一起分享一下。看好了哦! 这是一个非常神秘群体,绝对震撼!
  རྒྱུས་ལོན་བྱས་པ་ལྟར་ན། རྒྱ་གར་གྱི་ས་ཆ་མང་པོ་ཞིག་ཏུ་གྱོན་ཆས་དང་ཕྱི་ཚུལ་ངོ་མཚར་ཅན་གྱི་མུ་སྟེགས་དྲང་སྲོང་དག་མཐོང་ཐུབ། རྒྱ་གར་བ་དག་གིས་ཁོ་ཚོའི་མིང་ལsadhuཟེར། ང་ཚོ་བོད་ཀྱི་བཤད་ཚུལ་ལྟར་ན་དཀའ་ཐུབ་པའམ་དྲང་སྲོང་ཟེར། ཁོ་ཚོ་དཀའ་ཐུབ་ཀྱི་ལས་ལ་ཞུགས་པ་ནས་བཟུང་།ལུས་ངག་ཡིད་གསུམ་གྱི་གཡོ་སྒྱུ་མེད་པར་དྲང་བོར་སྲུང་ཅི་ཐུབ་བྱས་ནས། འཇིག་རྟེན་གྱི་སྙན་གྲགས་དང་རྒྱུ་ནོར། གཞན་གཉེན་ཉེ་སོགས་དང་རིང་དུ་གྱེས་ཏེ་གནས་ངེས་མེད་དུ་ཆས་ནས་དཀའ་བ་སྣ་ཚོགས་སྤྱོད་པར་བཤད།
  印度很多地方可见装束奇异的圣人,印度人称之为sadhu,也就是传说中的苦行僧。当一个人选择苦行僧的修行道路后,放弃世上所有的财务和名利,远离父母妻儿,并对生活的需求降低到最低的限度。 背着简单的行囊向深山进发,找到自己心仪的精神领袖,拜在他的门下,从此过着居无定所、漂泊流浪的生活。
  རྒྱ་གར་ཆོས་ལུགས་ཀྱི་དགོངས་པ་ལྟར་ན།  བསྐལ་བ་དུ་མར་ཆོས་ལ་སྦྱང་བ་མཛད་ན་ད་གཟོད་འཚང་རྒྱ་ཐུབ་པར་བཞེད། ཡིན་ནའང་དཀའ་སྤྱད་སྒྲུབ་སྦྱང་གི་ལས་སུ་ཞུགས་ཚེ་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ཐུབ་པར་དགོངས་ཡོད། དེ་བས་རྒྱ་གར་གྱི་དཀའ་ཐུབ་པ་མང་པོ་ཞིག་གིས་མི་ཚེ་ཧྲིལ་བོ་དཀའ་བ་སྣ་ཚོགས་སྤྱོད་པའི་ལུས་སུ་ཞུགས་ནས་སྒྲུབ་སྦྱང་བྱེད་བཞིན་ཡོད།
  印度教认为,人需要经过多次轮回才能进入天堂,得到神的关照。但也有一个捷径就是通过苦行来替世人受苦,以身体为罪孽的载体,因此,他们认为苦行才能获得精神的自由和灵魂的解脱,最后可以摆脱轮回直接进入天堂。
  དཀའ་ཐུབ་པ་དག་གིས་གདོང་ལ་རུས་ཐལ་དང་ཚོན་རྩི་སྣ་ཚོགས་ཀྱིས་རི་མོ་བྲིས་ཡོད་ལ། རྣམ་པ་མི་འདྲ་བའི་རི་མོ་དེ་དག་ནི་ཁོ་ཚོའི་གྲུབ་མཐའ་སོ་སོའི་མཚོན་རྟགས་ཤིག་ཡིན་པར་བཤད།
  苦行僧用骨灰在脸上绘制图案,这些图案代表着各自所献身的宗教派别。
  དཀའ་ཐུབ་པ་དག་གིས་དབུ་སྐྲ་དང་སྨྲ་ར་མི་བཞར་པ་མ་ཟད། དེ་ཇི་འདྲ་རིང་པོ་ཡོད་པ་དང་ཇི་འདྲ་རྫབ་རྫོབ་ཡིན་ན་དེ་འདྲ་ལེགས་པོ་ཡོད་པར་བཤད་ཚུལ་འདུག
  苦行僧头发常年不剪不洗,胡乱盘在头顶。长长的胡子打着卷,上面沾满了灰尘。
  དཀའ་ཐུབ་པ་དག་གིས་མིའི་ལུས་ཕུང་ནི་ཉེས་པ་དང་སྡིག་གྲུབ་ཀྱི་ཕུང་བོ་ཞིག་ཡིན་པར་དགོངས་ནས། རང་ལུས་མནར་གཅོད་དང་དྲག་ལས་སྣ་ཚོགས་བྱས་ནས་ཉེས་པ་སེལ་བའི་ཕྱོགས་སུ་ཧུར་བརྩོན་བྱེད་བཞིན་ཡོད་པས། ཁོ་ཚོས་རྒྱུ་ནོར་དང་སྙན་གྲགས་སོགས་རྩ་བ་ནས་དོར་ཏེ་འཚང་རྒྱ་བ་ནི་ཁོ་ཚོའི་དམིགས་ཡུལ་གཅིག་པུ་ཡིན། 
  苦行僧之所以折磨和虐待自己的身体,是因为他们把自己的身体看作是罪孽的载体。苦行僧希望通过把物质需求降到最低来获得心灵的解脱,得到神的庇护和恩赐,从而摆脱无尽的轮回之苦。
  དཀའ་ཐུབ་པ་དང་དྲང་སྲོང་། སྡོམ་བརྩོན་དབང་བོ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་སྙམ། རྒྱ་གར་འཕགས་པའི་ཡུལ་དུ་འདིའི་རིགས་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་ལ། དཀའ་ཐུབ་པ་དག་གི་ཁྲོད་དུ་འབྱོར་ལྡན་དང་འབྱོར་མེད་ཅི་རིགས་ཡོད་པ་མ་ཟད། ད་དུང་རྒྱལ་པོ་སོགས་སྤྱི་ཚོགས་ཁྲོད་གོ་གནས་དང་ཐོབ་ཐང་ཆེན་པོ་ཡོད་པའི་མི་སྣའང་མི་ཉུང་པ་ཞིག་འདུག
  苦行僧也叫禁欲者或苦行修道者,在印度已有数千年的历史。他们当中既有是穷人,也有中产阶级、还有百万富翁和达官显贵。他们被许多人看成是来凡尘普渡众生的“神的使者”。
གཙོ་སྒྲིག་པ།
ཁྲི་གོང་ཨོ་རྒྱན་ཚེ་རིང་
རྩོམ་སྒྲིག་པ།
  ཀུན་ཐར་རྒྱལ། 
主编:吾见才让
责编:更太加